སྤྲོས་མེད་ཚོགས་མཆོད་རང་ངོ་གསལ་འདེབས་བཞུགས།།
無作薈供~明觀自性
རཾ་ཡཾ་ཁཾ
ཡེ་ནས་དག་པའི་རང་གི་རིག།
གསལ་ཞིང་མྱོང་ལ་བརྗོད་དུ་མེད།།
བདེ་ཆེན་སྙིང་རྗེའི་རང་རྩལ་ལས།།
ཚོགས་རྫས་འདོད་ཡོན་ནམ་མཁའ་གང་།།
讓樣康
本然清淨自明覺,
明而體受離言詮,
大樂悲心自力現,
供品妙欲虛空遍。
ཨོྃ་ཨཱ་ཧཱུྃ།
མཁའ་དང་མཉམ་པའི་འགྲོ་བ་ཀུན།།
རང་གསལ་བདེ་སྟོང་གཉིས་སུ་མེད།།
མཁྱེན་བརྩེ་ནུས་པའི་ཡོན་ཏན་གྱི།།
ལྷུན་གྲུབ་ཆེན་པོར་བཞུགས་སུ་གསོལ།།
嗡阿吽
等如虛空有情眾,
自明樂空二無別,
悲智力之眾功德,
大任運中祈住存。
མ་རྟོགས་དབང་གིས་སྡུག་བསྔལ་མྱོང་།།
དེའི་ཕྱིར་རང་ངོ་ཤེས་པའི་ཚོགས།།
བྱམས་པ་ཆེན་པོས་མགྲོན་ཀུན་བསྡུས།།
སྙིང་རྗེ་ཆེན་པོས་ཀུན་ལ་བཀྲམ།།
未悟之故受諸苦,
故識自性之薈供,
以大慈心聚諸賓,
以大悲心普施奉。
དགའ་བ་ཆེན་པོས་ཀུན་ཀྱང་མཉེས།
བཏང་སྙོམས་ཆེན་པོས་རྒྱལ་ཕམ་བྲལ།།
ཐམས་ཅད་མཁྱེན་པའི་ཡོན་ཏན་རྣམས།
ད་ལྟ་རང་ལ་གནས་པས་བསྐང།
以大喜悅眾歡喜,
以大平等離勝敗,
遍知一切之功德,
當下自足為補供。
སྣང་སྲིད་གདོད་ནས་གྲོལ་བ་ལ།།
རང་ངོ་རང་གིས་མ་ཤེས་བཤགས།།
ང་བདག་གཉིས་སུ་འཛིན་པའི་བགེགས།།
སྤང་བླང་མེད་པའི་དབྱིངས་སུ་བསྒྲལ།།
萬有本來即解脫,
懺悔自性不自知,
我執二執諸魔障,
無取捨界中解脫。
སྣང་ཞིང་རྟོག་པའི་ཆོས་འདི་དག།།
རང་གསལ་དྲན་པའི་རྒྱན་དུ་རོལ།།
ཟ་འཐུང་འགྲོ་འདུག་ཐམས་ཅད་ཀྱང།
སྟོང་་གསལ་དྲན་པའི་རྒྱན་དུ་རོལ།།
顯而分別此諸法,
是憶自明之莊嚴,
一切行住坐臥中,
是憶空明之莊嚴。
འགལ་དང་འཁྲུལ་པའི་ལྷག་མ་རྣམས།།
དག་ཚངས་ཡེ་རྫོགས་ངང་དུ་ཚིམ།།
རང་ངོ་ཤེས་པའི་ཚོགས་མཆོད་འདིས།།
མཁའ་ཁྱབ་འགྲོ་བ་གྲོལ་ནུས་ཤོག།
相違迷亂之餘供,
淨圓本具中饜足,
識自本性此薈供,
解脫等空有情眾。
ཅེས་པ་འདིའང་ཧོང་ཀོང་གཏེར་སྒར་གྱི་སློབ་ཚོགས་རྣམས་དང་ལྷན། ཉིན་བཅུ་མཚམས་ལ་སྡོད་སྐབས་སློབ་ཚོགས་རྣམས་ཀྱིས་སྤྲོས་མེད་ཀྱི་ཚོགས་མཆོད་བསྡུས་པ་ཞིག་དགོས་ཞེས་ནན་གྱིས་བསྐུལ་ངོར་མི་འགྱུར་པས་སྤྱི་ལོ་༢༠༡༦་ཟླ་༩ཚེས་༡༤་ཉིན་གང་ཤར་ཐོལ་བྱུང་དུ་བྲིས་པ་དགྱེས་པར་གྱུར་ཅིག།། །།
同香港德噶眾弟子共聚於十日禪閉關,其時弟子懇切祈請撰著簡略的薈供儀軌〔無作薈供〕,敝人明就,豁然隨心所現地書於西元2016年9月14日,願歡喜。
釋妙融恭譯於香港2016/9/15 ,修譯於KTD 紐約噶瑪三乘法輪寺 2016/9/27